དབུ་ཤོག>པར་མཛོད།
  • གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    གསོ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་ཚོས་ལག་ཏུ་སློབ་མཇུག་འགྲིལ་བའི་ལག་ཁྱེར་ཁྱེར་ཏེ་ལྷན་ཞུགས་དྲན་རྟེན་འདྲ་པར་རྒྱག་བཞིན་པ།

    གསོ་སྦྱོང་དགེ་རྒན་གྱིས་གསོ་སྦྱོང་ལ་ཞུགས་མཁན་སློབ་མར་སློབ་ཚན་ཁྲིད་བཞིན་པ།

    གསོ་སྦྱོང་དགེ་རྒན་གྱིས་གསོ་སྦྱོང་ལ་ཞུགས་མཁན་སློབ་མར་སློབ་ཚན་ཁྲིད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུས་དུས་ཡུན་ཉིན་10ཡི་དྲ་རྒྱའི་ཐད་གཏོང་གསོ་སྦྱོང་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོས“ཏང་འཛུགས་སྐྱོང་གིས་ཚོགས་པ་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱས་ཏེ་ཚོགས་པ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས“རིགས་པའི་གཞུང་ལུཌ་དང་ལག་ལེན་ཟུང་འབྲེལ”དང་། “རྩལ་ནུས་དང་བསམ་བློ་ཆབ་སྲིད་ཟུང་འབྲེལ”གྱི་མཉམ་འདྲེས་སྐྱེད་སྲིང་གི་བྱེད་སྟངས་སྤྱད་དེ་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་སློབ་མ་20ལྷག་ཙམ་ལ་སྨྱན་སྦྱོར་གསར་པ་སྤྱོད་པའི་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་ཡོད། དེའི་དམིགས་ཡུལ་ནི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ནས་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏོང་རོགས་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།