2025ལོའི་རྒྱལ་ཡོངས་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི“ལས་ཡུལ་དུ་སྒྲོག་འགྲེལ་ཐེངས་བརྒྱ་བྱེད”ཅེས་པའི་བྱེད་སྒོ་ཀན་སུའུ་རུ་སྤེལ་འགོ་ཚུགས་པ།
ཟླ་5ཚེས་21ཉིན། 2025ལོའི་རྒྱལ་ཡོངས་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི“ལས་ཡུལ་དུ་སྒྲོག་འགྲེལ་ཐེངས་བརྒྱ་བྱེད”ཅེས་པའི་བྱེད་སྒོ་དང་ཀྲུང་དབྱང་ཁེ་ལས་ཀྱི“བློ་སེམས་གཅིག་ཏུ་བསྒྲིལ་ནས་འབྱུང་འགྱུར་སྲུང”ཞེས་པའི་བྱེད་སྒོ་ཀྲུང་གོ་ཨར་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ཀན་སུའུ་ཞིང་ཆེན་ཁང་ལེ་རྫོང་གི་ཧྭ་རུན་ཕུགས་རེའི་གྲོང་རྡལ་ཆུང་ངུའི་རྣམ་གྲངས་ཀྱི་ལས་ཡུལ་དུ་སྤེལ་འགོ་ཚུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཨར་སྐྲུན་ཁེ་ལས་མང་པོ་ནས་ཡོང་བའི་གཅེས་སེམས་ཨ་མ་46དང་གཞིས་ལུས་བྱིས་པ་100ཆ་བསྒྲིགས་ཏེ། ཀྲུང་གོའི་བྱིས་པ་གཞོན་ནུའི་ཐེབས་རྩ་ཚོགས་པ་དང་ཀྲུང་གོ་ཨར་སྐྲུན་ཚོགས་པས་ཀན་སུའུ་ཞིང་ཆེན་ཁང་ལེ་རྫོང་དང་། ཅོ་ནེ་རྫོང་། ཁང་རྫོང་བཅས་ལ་སྒོར་ཁྲི་100ལྷག་ཙམ་ཞལ་འདེབས་བརྒྱབ་པ་དེ“དཔྱིད་ཐིའུ་འཆར་གཞིའི”སློབ་སྐྱོར་དང་གཅེས་སེམས་དཔེ་ཁང་སྐྲུན་པ་སོགས་ཀྱི་རྣམ་གྲངས་ལ་སྤྱོད་རྒྱུ་ཡིན་ཞིང་། དེས་གཞིས་ལུས་བྱིས་པར་བདེ་ཐང་ངང་འཚར་ལོངས་ཡོང་སའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། འདི་ནི་ཁང་ལེ་རྫོང་པ་གསུམ་ཤང་ཀུང་ཀྲོང་སློབ་ཆུང་གི་སློབ་མས་བྱེད་སྒོ་སྤེལ་ཡུལ་ནས་རག་པའི་གཅེས་སེམས་ལག་རྟགས་སྟོན་བཞིན་པ།