2025ལོའི་རང་སྐྱོང་ལྗོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྙུགས་ཤེད་རང་བཞིན་གྱི་རྣམ་གྲངས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱར་སྒར་གཞིས་རྩེར་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་རང་སྐྱོང་ལྗོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྙུགས་ཤེད་རང་བཞིན་གྱི་རྣམ་གྲངས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱར་སྒར་དང་ལས་ཞོར་ལུས་རྩལ་སློབ་གྲྭའི་འགྲན་བསྡུར་གཞིས་རྩེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭ་དང་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་ལུས་རྩལ་པ་160ཞུགས་ཡོད་པ་རེད། འདི་ནི་སློབ་མ་ཚོས་ཆེད་ལས་ལུས་རྩལ་གྱི་སློབ་ཚན་འཚོག་བཞིན་པ།