དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གཉེན་སྒྲིག་ལག་ཁྱེར་བླངས། དགའ་སྤྲོའི་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-22

    འདི་ནི་ཁྱོ་ཤུག་གསར་པས་གཉེན་སྒྲིག་ལག་ཁྱེར་བླངས་རྗེས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    འདི་ནི་ལས་དོན་པས་ཁྱོ་ཤུག་གསར་པར་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བཞིན་པ།

    ཟླ་5ཚེས་20ཉིན། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་གཉེན་སྒྲིག་ཐོ་འགོད་བྱེད་སར། འཁྲུག་ཆ་ཧ་ཅང་དོད་ཅིང་ཁྱོ་ཤུག་གསར་པ་མང་པོ་དགའ་སྤྲོའི་ངང་གཉེན་སྒྲིག་ལག་ཁྱེར་ལེན་དུ་ཡོང་གི་འདུག ཁྱོ་ཤུག་གསར་པའི་ཐོ་འགོད་ཀྱི་དགོས་མཁོ་སྐོང་ཆེད། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་གཉེན་སྒྲིག་ཐོ་འགོད་བྱེད་སར་སྔོན་ཚུད་ནས་གྲ་སྒྲིག་གང་ལེགས་བྱས་ཏེ་ཐོ་འགོད་སྐར་ཁུང་ཚང་མར་ལས་དོན་པ་མང་དུ་བཏང་ནས་ཞབས་འདེགས་ཞུས་པ་མ་ཟད། ཆེད་མངགས་སྐྱིད་སྣང་དོད་པའི་པར་ལེན་ས་ཡང་བཟོས་ཏེ་ཁྱོ་ཤུག་གསར་པའི་མཉམ་པར་ལེན་ས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།