དབུ་ཤོག>པར་མཛོད།>པར་མཁན།
  • ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་ནས་དངོས་ཟོག་མཉམ་འདྲེན་བྱེད་ཚད་ཆེས་ཆེར་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-20

    གསར་འགོད་པར་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་17ཉིན་བར། ད་ལོ་ཚུན་དུ་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་མཉམ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་54.96ཟིན་པ་དེ་དུས་མཚུངས་ལས་72.3%འཕར་བ་དང་། འཕར་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ནས། ཀྲུང་གོའི་ནུབ་རྒྱུད་དང་གོ་ལ་ཧྲིལ་པོ་འབྲེལ་མཐུད་ཀྱི་ཟོག་འགྲེམས་ཐབས་ལམ་གསར་པ་སྔར་བས་ཤར་གཏོང་ཐུབ་སྟེ། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། བགྲོད་ལམ་གསར་པའི་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་མ་གཏོང་བར་སྒུལ་ནུས་ཆེན་པོ་མཁོ་འདོན་ཐུབ་ཡོད་པ་རེད། འདི་ནི་ཆིན་ཀྲོའུ་གྲུ་ཁར་མཚོ་གྲུ་གྲལ་བསྒྲིགས་ནས་དངོས་ཟོག་འབེབས་འཇུག་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།