དབུ་ཤོག>པར་མཛོད།
  • “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི”རིག་གནས་ཡུལ་སྐོར་དུས་ཆེན་ལ་ཤུལ་བཞག་རིག་གནས་ཐོན་རྫས་ཕུན་སུམ་ཚོགས་པས་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-20

    འདི་ནི་གྲོང་མི་ཞིག་གིས་ཀོ་བའི་ཐོན་རྫས་ཉོ་བཞིན་པ།

    འདི་ནི་འཁྲབ་སྟོན་པས་ལྷ་མོ་འཁྲབ་བཞིན་པ།

    ཉེ་ཆར། “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བས་ས་གནས་ས་ཐོག་ཏུ་མི་ཚོགས་ཀྱིས་ཁེངས་ཡོད། མངོན་མིན་རིག་གནས་ཤུལ་བཞག་ལྷ་མོའི་འཁྲབ་སྟོན་པས་ལུས་ལ་འཁྲབ་ཆས་གྱོན་ཏེ་སྙན་འཇེབས་ཀྱི་འགྱུར་ཁུག་ངང《སྣང་ས་འོད་འབུམ》གྱི་འཁྲབ་ཚན་དུམ་བུ་རྣམ་ཐར་དུ་བླངས་པར་ལྟད་མོ་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་ཁུལ་དུ་ཤིང་བརྐོས་དང་། ཀོ་བའི་ཐོན་རྫས་སོགས་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་སྒྲིག་གཤོམ་བྱས་པ་སོགས་ལས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱུང་བའི་འཕེལ་ཚུལ་གསར་པ་དང་ཕན་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།