དབུ་ཤོག>པར་མཛོད།
  • བོད་དུ་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-20

    ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“5·18རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་ལྷ་སར་སྤེལ་འགོ་ཚུགས་ཤིང་། བྱེད་སྒོས“འགྱུར་ལྡོག་འགྲོ་མགྱོགས་པའི་སྤྱི་ཚོགས་ཁྲོད་རྟེན་མཛོད་ཁང་གི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བོད་ལྗོངས་རྟེན་མཛོད་ཁང་གི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གསུམ་དུ་བྱེད་སྒོ་རབ་དང་རིམ་པ་མཉམ་འགུལ་ངང་སྤེལ་བ་རེད། དེའི་ནང་རང་སྐྱོང་ལྗོངས་ཀྱི་གསལ་འགྲེལ་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་སྤྲོད་པའི་མཛད་སྒོ་དང་། སྤྱི་ཕན་ཞལ་འདེབས་ཀྱི་གན་འཇོག་མཛད་སྒོ རིག་གཞུང་སྤེལ་རེས། དེབ་གསར་ཡོངས་བསྒྲགས། རིག་གནས་བསམ་བཀོད་ཚོང་འདུས་སོགས་བྱེད་སྒོ་མང་པོ་ཚུད་ཡོད་ཅིང་། འདི་ནི་ཉིན་དེར་བོད་ལྗོངས་རྟེན་མཛོད་ཁང་ནས་པར་བརྒྱབ་པའི་རིག་གནས་བསམ་བཀོད་ཚོང་འདུས་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།