དབུ་ཤོག>པར་མཛོད།
  • བོད་ལྗོངས་ནག་ཆུ། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-05-18

    འདི་ནི་2025ལོའི་ཟླ་2ཚེས་12ཉིན་པར་བླངས་པའི་ནག་ཆུ་གྲོང་ཁུལ་ཡིན་པ(མི་མེད་གནམ་གྲུས་པར་བླངས)

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་སློབ་ཆུང་སློབ་མས་ལྕང་སོན་འཛུགས་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་འོས་འགན་ཤིང་འཛུགས་བྱེད་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་འབྲོག་པ་སྤེན་ཆོས་ཀྱིས་འཐག་རྩལ་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ནག་ཆུའི་གྲོང་མིས་སྒོར་གཞས་འཁྲབ་བཞིན་པ།

    འདི་ནི་2025ལོའི་ཟླ་2ཚེས་11ཉིན་པར་བླངས་པའི་ནག་ཆུའི་གྲོང་ཁུལ་ཡིན་པ(མི་མེད་གནམ་གྲུས་པར་བླངས)

    འདི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་འབྲོག་པ་རྒྱ་མཚོས་འཐག་རྩལ་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་གཙོད་ཕྲུག་བཙའ་ཡུལ་དུ་གནས་སྤོ་བྱེད་བཞིན་པ།

    ནག་ཆུ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་ཤིང་། མངའ་ཁོངས་སུ་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ནག་ཆུ་ཡོད་པའི་དབང་གིས་མིང་དེ་ལྟར་ཐོགས་པ་དང་ཆུ་ཀླུང་ཆེན་པོ་མང་པོའི་ཆུ་འགོ་ཡང་ཡིན། ཡུལ་ལུང་དེ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་རེད།

    ལོ་ངོ་ཁྲི་སྟོང་ཕྲག་མང་པོའི་གོང་དུ། ཨེ་ཤེ་ཡ་དང་ཡོ་རོབ་གླིང་གི་དུམ་ལེབ་དང་ཧིན་རྡུའི་དུམ་ལེབ་ཀྱི་བཙིར་གནོན་འོག་མཚོ་བོད་ས་མཐོ་མགྱོགས་མྱུར་འབུར་དུ་ཐོན་ཡོད། དེང་དུས་ཆ་སྙོམས་ས་བབ་སྨི་4000ལས་བརྒལ་བའི་ཡུལ་ལུང་དེ་ད་དུང་ལོ་རེ་བཞིན་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

    ས་བབ་མཐོ་བ་ལས་དམའ་གནོན་དང་གསོ་རླུང་ཉུང་ལ་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བའི་གནམ་གཤིས་ཆ་རྐྱེན་གྲུབ་ཡོད་ཅིང་། ནག་ཆུའི་མཁའ་རླུང་གི་གསོ་རླུང་འདུས་ཚད་ནི་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཙམ་ལས་མེད་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་མན་ཡིན། ལོ་རེའི་བལྟོས་བཅས་ཀྱི་བརླན་ཚད་50%ཡས་མས་དང་། ལོ་རེར་ཆ་སྙོམས་ལྷགས་པ་རྒྱག་པའི་ཉིན་གྲངས་ཉིན་100ཡན། དྲོད་ཚད་ཧྲེ་ཧྲི་ཏུའུ་85ཙམ་ནས་ཆུ་ཁོལ་འཁོལ་བ་སོགས་ཡིན་པ་རེད།

    གསོ་རླུང་ཉུང་བའི་དབང་གིས་མི་རྣམས་ཀྱི་མཆུ་ཏོ་སྨུག་པོར་འགྱུར་བ་དང་། འགྱིག་ཐུམ་བཟའ་བཅའ་ནི་འཇིགས་པ་འཕྲད་པའི་ཆུ་ཕག་དང་འདྲ་བར་ལྡིར་རིལ་རྒུ་རིལ་སྦོས་འགྲོ་བ་དང་། འབར་སྣུམ་ཡག་པོ་འབར་གྱི་མེད་པའི་རྐྱེན་གྱིས། རླངས་འཁོར་སོགས་ལས་གྲྭའི་འཕྲུལ་ཆས་ཀྱི་མེ་ཤི་ནས་རྟག་ཏུ་ལས་མཚམས་འཇོག་དགོས་ཀྱི་ཡོད།

    ཐ་ན་ལྗོན་ཤིང་ཡང་སྐྱེ་འཚར་ཁག་པོ་ཡོད་ཅིང་། ས་ཆ་དེ་གའི་འཁྱགས་ས་མཐུག་པས་དང་སྡོང་ཕྲུག་གི་རྩ་བ་ཚུགས་མི་ཐུབ་པར་བརྟེན། ནག་ཆུ་ནི་དེ་སྔོན་རང་རྒྱལ་གྱི་ལྗོན་ཤིང་མེད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་འབའ་ཞིག་དེ་རེད།

    མི་རྣམས་ཀྱིས་ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། ནག་ཆུར་གྲོང་ཁྱེར་སྔོ་འགྱུར་བདེ་བླག་བྱུང་སྟེ། “ལྗོན་ཤིང་མི་སྐྱེ་བ་དང་ལྗོན་ཤིང་མེད་པའི”ལོ་རྒྱུས་མཇུག་འགྲིལ་ཡོད།

    ད་ཆ་གྲོང་ཁུལ་གྱི་མ་ལམ་དང་། སྤྱི་གླིང་། ཐང་ཆེན། ཡུལ་མིའི་སྒོ་རྩ། སྡོང་ཕྲུག་ར་བའི་ཚོད་ལྟའི་རྟེན་གཞི་བཅས་སུ་གླང་དཀར་དང་། སྤྲིན་གསོམ། གླ་ཚེར་མང་པོ་རྩ་བ་ཚུགས་ནས་མྱུ་གུ་འབུས་པས་གྲོང་ཁྱེར་དེ་གར་གསོན་ཤུགས་བསྣན་ཡོད། གྲོང་ཁུལ་གྱི་ཁྲོམ་གཞུང་དུ“མཐོ་གྲང་གི་གྲོང་ཁྱེར་དུ་ཤིང་འཛུགས་ཚོད་ལྟར་སྐུལ་འདེད་བཏང་ནས་ནག་ཆུ་གྲོང་ཁྱེར་དུ་ལྗོན་ཤིང་འཛུགས་མི་ཐུབ་པའི་སྟོང་ཆ་སྐོང་དགོས”ཞེས་པའི་དྲིལ་བསྒྲགས་བྱང་བུ་བཀལ་ཡོད་ཅིང་། དེ་ལས་གྲོང་ཁྱེར་དེའི་སྔོ་འགྱུར་གྱི་འབད་འཐབ་བརྒྱུད་རིམ་མཚོན་གྱི་ཡོད།

    མི་རབས་ནས་མི་རབས་བར་འབད་བརྩོན་བྱས་པ་བརྒྱུད། ནག་ཆུས་རེ་བ་གསར་པ་དེ་བས་མང་བ་མངོན་འགྱུར་བྱེད་བཞིན་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།