དབུ་ཤོག>པར་མཛོད།
  • ཡང་རྩེ་ཡི་ཉམས་འགྱུར། རྩ་མདའ་དང་ཐུག་འཕྲད།

    རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་འོས་སྦྱོར། སྤེལ་རེས་མཉམ་ལས་ཀྱི་གྲོས་བསྡུར་འཁྲུག་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-18

    འདི་ནི་ལྟད་མོ་བས་རྩ་མདའི་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པའི་ལས་དོན་པ་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ། (རྩ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་པར་མཁོ་འདོན་བྱས)

    འདི་ནི་འོས་སྦྱོར་འདུ་ཚོགས་སུ་ལྟད་མོ་བས་གུ་གེའི་ཤོན་གྱི་སྟངས་སྟབས་ལ་ལྟ་བཞིན་པ། (རྩ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་པར་མཁོ་འདོན་བྱས)

    ཉེ་ཆར་ཀོང་ཀྲོའུ་དང་ཧྲེན་ཀྲེན་དུ“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”འཆར་མཚམས་སུ“ཡང་རྩེ་ཡི་ཉམས་འགྱུར། རྩ་མདའ་དང་ཐུག་འཕྲད”ཅེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་གཉེར་ཞིང་། ལས་རིགས་ནང་ཁུལ་གྱི་མི་སྣ་དང་གྲོང་མི་མང་པོའི་ཡིད་དབང་བཀུག་ནས་དེ་གར་སླེབས་ཡོད།

    མངའ་རིས་ས་ཁུལ་རྩ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན་གཙོ་བོ་འོས་སྦྱོར་བྱས་པ་དང་། རྩ་མདའ་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ངོ་སྤྲོད་བྱས་ཡོད། “ས་མཐོའི་བྲག་ཅ”དང“གསུང་གི་བདུད་རྩི”“རི་མཚོའི་བར་གྱི་གླུ་ཤག”སོགས་གོ་རིམ་མང་པོའི་ནང་སྔོན་ཆད་རྩ་མདར་འགྲོ་མྱོང་བའི་སྐུ་མགྲོན་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ལས་གཉེར་བ་བཅས་ཀྱིས་རྩ་མདའི་བག་ཆགས་མཉམ་སྤྱོད་བྱས་ཏེ། ཕྱོགས་མི་འདྲ་བ་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་གྲོས་འགོ་རྩ་ཆེན་དང་ཆེད་ལས་ཀྱི་ལྟ་ཚུལ་བཏོན་པ་མ་ཟད། རྩ་མདའི་རིག་གནས་ཡུལ་སྐོར་གྱི་མཉམ་ལས་ལ་གཞིགས་ཏེ་གྲོས་བསྡུར་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།