ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་བཅངས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།
འདི་ནི་དགེ་སློབ་ཚོས་གཏམ་བཤད་ནན་ཏན་ངང་ཉན་བཞིན་པ།
འདི་ནི“མི་རིགས་མཐུན་སྒྲིལ་གྱི་པེ་ཅིང་ཞིབ་སྦྱོང་སྤེལ་རེས”བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་2025ལོའི་སློབ་གྲྭ་འབྲིང་ཆུང་གི“མི་རིགས་མཐུན་སྒྲིལ་གྱི་པེ་ཅིང་ཞིབ་སྦྱོང་སྤེལ་རེས”བྱེད་སྒོ་ཁག་དང་པོ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཞིབ་སྦྱོང་གིས་སྲོལ་རྒྱུན་གྱི་སློབ་གསོའི་བར་མཚམས་ལས་བརྒལ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་ཚན་ནང་ཁྱབ་པར་བྱས་ཡོད། ཁྲེང་ཀོན་ཆུས་ཀྱི་བྱང་ཚད་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་གསར་གཏོད་ལག་ལེན་ཞིག་ཡིན་པའི་ངོས་ནས་ཞིབ་སྦྱོང་བྱེད་སྒོ་དེས་རྒྱལ་སའི་རིག་གནས་ཀྱི་གནས་རྟགས་གཞི་རྟེན་དུ་བྱས་ནས་གཞོན་ནུ་ལོ་ཆུང་ཚོས་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཁྲོད་ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་དུང་ཟབ་མོ་འཆང་རྒྱུའི་ཁྲིད་སྟོན་བྱས་ཏེ། གཞོན་ནུ་ལོ་ཆུང་གི་སེམས་ནང་མཐུན་སྒྲིལ་འབད་འཐབ་ཀྱི་ས་བོན་བཏབ་ཡོད།ོད་པ་རེད།