ཀུའེ་ཕིང་མྱུར་བགྲོད་གཞུང་ལམ་ལས་མཇུག་འགྲིལ་གྲབས་ཡོད་པ།
ཀུའེ་ཀྲོའུ་འགྲིམ་འགྲུལ་མ་འཇོག་ཚོགས་པས་མ་རྩ་བཏང་ནས་བསྐྲུན་པའི་ཀུའེ་དབྱང་ནས་ཕིང་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་དང་། ད་ཆ་རྣམ་གྲངས་ཡོངས་ཀྱི་ལས་གྲྭ་85%ཙམ་བསྐྲུན་ཟིན་ནས་ཨར་སྐྲུན་མཇུག་འགྲིལ་གྲབས་ཡོད། ཀུའེ་ཕིང་མྱུར་བགྲོད་གཞུང་ལམ་དེ་ཀུའེ་དབྱང་གྲོང་ཁྱེར་ཝུའུ་ཏང་ཆུས་དབྱང་ཁྲང་གྲོང་རྡལ་ནས་འགོ་ཚུགས་པ་དང་ཀུའེ་ཀྲོའུ་ལྷོ་མའི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཕིང་ཐང་རྫོང་སི་ཀྲའེ་གྲོང་རྡལ་ཡུན་དབྱང་ཀོན་དུ་མཇུག་འགྲིལ་ཏེ་ཀོང་ཤིས་ཀྱི་ཐེན་ཨེ་ནས་པེ་ཧའེ་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཡོད། རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་174.018ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཟིན་པ་དེ་ད་ལོའི་ལོ་མཇུག་ལ་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་རྒྱུ་ཡིན་པ་རེད། འདི་ནི་སྐྲུན་བཞིན་པའི་ཀུའེ་ཕིང་མྱུར་བགྲོད་གཞུང་ལམ་གྱི་ཁྲང་མིང་གྲོང་རྡལ་གྱི་འགྲིམ་འགྲུལ་ལྟེ་བ་ཡིན་པ།