རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ས་ཚིགས་གསུམ་པར་ཚེ་རིང་མཚོ་མོས་བུད་མེད་ཀྱི་སྨི་5000གི་འགྲན་བསྡུར་ནང་ཨང་གཉིས་པ་བླངས་པ།
ཟླ་5ཚེས་14ཉིན། “རྒྱུད་གཅིག་ལམ་གཅིག”གི་མཆོང་རྒྱུག་འཕེན་གསུམ་གྱི་གདན་ཞུའི་འགྲན་བསྡུར་སྐབས་གསུམ་པ་དང་2025ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ས་ཚིགས་གསུམ་པའི་བུད་མེད་ཀྱི་སྨི་5000གི་མཐའ་བསྡུར་ཁྲུང་ཆིང་དུ་གཉེར་བ་རེད། ཚེ་རིང་མཚོ་མོས་སྐར་མ་16དང་སྐར་ཆ་09.17གྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་ཤིང་། འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་བདམས་ཐོན་པ་ཚེ་རིང་མཚོ་མོ་མཐའ་བསྡུར་ནང་ཞུགས་བཞིན་པ།