ཞིང་ལས་ཐོན་སྐྱེད་ཚབ་གཉེར་གྱིས་ཐོན་ནུས་གཉིས་འཕར་ཡོང་བར་རམ་འདེཌ་བྱེད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ཞིང་ལས་ཐོན་སྐྱེད་ཚབ་གཉེར་བྱས་ཏེ་ཐོན་ནུས་གཉིས་འཕར་ཡོང་བར་རམ་འདེགས་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་མལ་གྲོ་གུང་དཀར་རྫོང་གིས་མུའུ་ཁྲི་1.8ཟིན་པར་ལྷུ་ཚིགས་མང་བའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུས་པ་དང་། དེ་དག་ལ་གཙོ་བོ་ནས་དང་པད་ཁ་བཏབ་ཡོད་པ་རེད། འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོང་གཉིས་གྲོང་ཚོར་སོན་འདེབས་འཕྲུལ་འཁོར་གྱིས་ས་བོན་འདེབས་བཞིན་པ།