ངལ་རྩོལ་སྙིང་སྟོབས་དར་སྤེལ་བཏང་། འབད་འཐབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
པར་འདི་གཉིས་ནི་བྱེད་སྒོ་སྤེལ་རིང་རིག་རྩལ་འཁྲབ་སྟོན་པས་གླུ་ལེན་གར་འཁྲབ་ཀྱིས་ངལ་རྩོལ་སྙིང་སྟོབས་ཀྱི་དོན་སྙིང་བརྒྱུད་སྤྲོད་བྱེད་པ།
བྱེད་སྒོར་ཞུགས་མཁན་གྱི་ཏང་ཡོན་ཚོས་མཉམ་པར་རྒྱག་བཞིན་པ།
ཉེ་ཆར། སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་ཏང་ཨུད་ཀྱིས་སི་ཁྲོན་ཞིང་ཆེན་ཅན་དབྱང་གྲོང་ཁྱེར་བོད་ལྗོངས་ཕྱོགས་མིའི་ཏང་ཀྲི་པུའུ་དང་ཧྲེན་དབྱིང་ཚན་རིག་ལག་རྩལ་བཟོ་ལས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་དང་མཉམ་དུ“ཕྱོགས་གསུམ་སྟོབས་ཤུགས་གཅིག་ཏུ་སྒྲིལ། ངལ་རྩོལ་ལ་བརྟེན་ཕུགས་འདུན་གཉེར”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་བརྒྱུད་ངལ་རྩོལ་སྙིང་སྟོབས་དར་སྤེལ་བཏང་ཞིང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།