དབུ་ཤོག>པར་མཛོད།
  • བོད་ཀྱི་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་དེབ་གསར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    ཟླ་5ཚེས་9ཉིན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལྷ་སར་དེབ་གསར་འོས་སྦྱོར་ཚོགས་འདུ་འཚོགས་ནས་བོད་རིག་པའི་མཁས་པ་པ་སངས་དབང་འདུས་ཀྱི《སྤུ་རྒྱལ་བོད་ཀྱི་རྡོ་རིང་དང་རྡོ་བརྐོས་ཡི་གེ》(བོད་རྒྱ་སྐད་གཉིས)དང་། 《ལོ་རྒྱུས་ས་མིང་བརྡ་འགྲེལ》(བོད་ཡིག) 《བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས》(བོད་ཡིག) སོགས་དེབ་གསར་བཞི་འོས་སྦྱོར་བྱས་པ་རེད། དེབ་གསར་པ་དེ་དག་ནང་རྡོ་བརྐོས་དང་། ས་མིང་། སྒེར་པའི་ལོ་རྒྱུས་བཅས་རྩ་ཆེའི་དཔྱད་གཞིར་བྱས་ནས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ལ་འགྲེལ་བཤད་བརྒྱབ་སྟེ། བོད་དང་མེས་རྒྱལ་གཉིས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་ལོ་རྒྱུས་ཀྱི་རྣམ་པ་མཚོན་པར་བྱས་ཡོད། འདི་ནི་པ་སངས་དབང་འདུས་ཀྱིས་འོས་སྦྱོར་ཚོགས་འདུར་འཆད་ཁྲིད་གནང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།