བྲག་འཛེག་བྱེད་སྒོ་སློབ་གྲྭར་སྤེལ་བ།
སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི“བྲག་འཛེག་རྣམ་གྲངས་སློབ་གྲྭར་སྤེལ་བའི”བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པར་གཉེར་ཞིང་། བྱེད་སྒོ་སྤེལ་རིང་ཆེད་ལས་རྩལ་ཁྲིད་པས་བྲག་འཛེག་ལུས་རྩལ་གྱི་གཞི་རྩའི་ཤེས་བྱ་དང་ཐབས་རྩལ། དེ་བཞིན་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་འགྲེལ་བཤད་བརྒྱབ་པ་དང་། སློབ་མ་ཚོས་སྲུང་ཐག་བཅིངས་ནས་ཚོགས་ཆུང་ཁག་བགོས་བྱས་ཏེ་འདྲ་བཟོའི་བྲག་རིའི་ལྡེབས་སུ་འཛེགས་ནས་བྲག་འཛེག་གི་སྤྲོ་སྣང་མྱོང་རོལ་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།