མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་པ།
ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་པའེ་ཐཱ་གྲོང་རྡལ་བུ་བཅོལ་ཁང་དང་པོའི་ཏང་ཡོན་དང་བཟོ་ཚོགས་ཀྱི་དང་བླངས་པས་ཡུང་ཨན་ཆུ་ཕྲན་གྱི་ངོས་ནས་གད་སྙིགས་སྒྲུག་བཞིན་པ། ཝང་ཧྭ་པིན་གྱིས་པར་བརྒྱབ།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བརྒྱབ།
ངང་དཀར་ཁྱུ་གཅིག་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཧོའེ་ལའེ་རྫོང་ཀོན་ཐིང་ཆུ་མཛོད་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཅི་དགར་རོལ་བཞིན་པ། སུན་ཧུའེ་ཅུན་གྱིས་པར་བརྒྱབ།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཁྲང་ཅི་གྲོང་ཁྱེར་བྱང་རྒྱུད་ཀྱི་ཐང་རྒོད་འདམ་རར་དྭངས་ཤིང་གཙང་བའི་མཚེའུ་དང་གསེར་མདོག་གི་བྱེ་འབུར་གཅིག་ལ་གཅིག་བརྒྱན་གྱིས་ལྟ་ན་སྡུག་པའི་མཛེས་རིས་ལྟ་བུར་གྱུར་བ། ཐའོ་ཝེ་མིང་གིས་པར་བརྒྱབ།
ཡུལ་སྐོར་བས་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་པ་ཏུང་རྫོང་ཝུའུ་ཞཱ་འབྲི་ཆུའི་འགག་སའི་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ། ཅའོ་གོ་པིན་གྱིས་པར་བརྒྱབ།
ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་ཧྭ་ཁྲེང་ཁྲོམ་གཞུང་གི་དམངས་ཁྲོད་ཀྱི་ཆུ་དཔོན་དང་གཙང་སྦྲ་བས་ཤིའུ་ཅང་གཙང་པོའི་ཧྭ་ཁྲེང་དུམ་བུར་སྐོར་སྲུང་ལས་ཀ་བྱེད་བཞིན་པ། ཀྲོའུ་ལེང་གིས་པར་བརྒྱབ།
ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ཕིང་ཧྲན་ཆུས་ཧྲི་ཅིང་ཁྲོམ་གཞུང་དུ་ཁོར་ཡུག་གཙང་སྦྲའི་འཕྲུལ་མི་དང་ཁོར་ཡུག་གཙང་སྦྲ་བས་མཉམ་དུ་གཙང་སྦྲ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མའོ་སི་ཆན་གྱིས་པར་བརྒྱབ།
ཅང་སུའུ་ཞིང་ཆེན་རུའུ་ཀའོ་གྲོང་ཁྱེར་གྲོང་ལྷོ་ཁྲོམ་གཞུང་གི་གྲོང་ཁུལ་གསར་པའི་གྲོང་མིའི་ཁུལ་ཆུང་ཞིག་གི་མཐའ་འཁོར་དུ་དཔྱིད་དཔལ་རབ་ཏུ་བཞད་པ་དང་སྐྱེ་ཁམས་མཛེས་ཤིང་ལྟ་ན་སྡུག་པ། ཝུའུ་ཧྲུའུ་ཅན་གྱིས་པར་བརྒྱབ།
ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དར་སྤེལ་གཏོང་བ། འཛམ་གླིང་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བྱུང་ཡོད། རྒྱུན་གཏན་གྱི་འཚོ་བའི་ཁྲོད། མི་དེ་བས་མང་བས་བྱ་སྤྱོད་དངོས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་དང་སའི་གོ་ལར་གཅེས་འཛིན་བྱེད་ཀྱི་ཡོད།