སློབ་གྲྭའི་ཚན་རྩལ་དུས་ཆེན་རིང་ཚན་རྩལ་གྱིས་སློབ་མའི་ཡིད་དབང་ཡོངས་སུ་འཕྲོག
ཟླ་5ཚེས་7ཉིན། ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་ཀྲེ་ཁྲེང་གྲོང་རྡལ་གྱིས“རིག་ལྡན་གྱིས་འབྱུང་འགྱུར་གཏོད། གྲོང་གསེབ་ཀྱི་ཕུགས་འདུན་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭའི་ཚན་རྩལ་དུས་ཆེན་གྱི་བྱེད་སྒོ་སྤེལ་ཞིང་། ཚན་རིག་ཁྱབ་གདལ་རྣམ་གྲངས་སྣ་ཚོགས་སྤེལ་བ་བརྒྱུད་སློབ་མ་ཚོར་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད། འདི་ནི་དེ་ཉིན་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་ཀྲེ་ཁྲེང་གྲོང་རྡལ་གྱི་སློབ་གྲྭའི་ཚན་རྩལ་དུས་ཆེན་གྱི་བྱེད་སྒོའི་ཐོག་སློབ་མ་ཚོས་འཕྲུལ་ཁྱི་དང་མཉམ་འགུལ་བྱེད་བཞིན་པ།