སྤྲོ་སྣང་ཆེན་པོས་ལུས་སྦྱོང་བྱེད།
འདི་ནི་གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་བདམས་ཐོན་པར་བྱ་དགའ་སྤྲོད་བཞིན་པ།
འདི་ནི་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར“རྒྱུག་ཤར་གློད། འཕྱོངས་རྒྱས”ཞེས་པའི་མི་བརྒྱའི་རྒྱང་རྒྱུག་འགྲན་བསྡུར་སྐབས་བཞི་པ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འུན་ཤིང་ལམ་དུ་འགོ་ཚུགས་པ་རེད། ད་ཐེངས་འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་5ཡོད་པ་དང་། སྐྱེས་པའི་ཚོགས་ཆུང་དང་བུད་མེད་ཚོགས་ཆུང་གཉིས་བཟོས་ཡོད། རྫོང་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་རྒྱུག་ཤར་གློད་རྒྱུར་དགའ་པོ་བྱེད་མཁན་144མཉམ་དུ་འཛོམས་ཏེ་མྱུར་ཚད་དང་བློ་སྟོབས་ལ་བརྟེན་ནས་ལུས་རྩལ་གྱི་སྙིང་སྟོབས་མཚོན་པར་བྱས་པ་རེད།