ཀྲེ་ཅང་ཉིང་པོའི་ཀྲོའུ་ཧྲན་གྲུ་ཁའི་ཧྲོང་ཡུས་མོན་ཟམ་ཆེན་གྱི་ཟམ་སྒྲོམ་གཙོ་བོ་འཛུགས་སྐྲུན་གྱི་མཐའ་མའི་དུས་མཚམས་སུ་སླེབས་པ།
ཟླ་5ཚེས་6ཉིན་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཞུགས་པའི་ཀྲེ་ཅང་ཉིང་པོའི་ཀྲོའུ་ཧྲན་གྲུ་ཁའི་ལིའུ་ཧེང་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་ཧྲོང་ཡུས་མོན་ཟམ་ཆེན་གྱི་ལིའུ་ཧེང་ཕྱོགས་ཀྱི་འབྲེང་ལྕོག་གི་མཐོ་ཚད་སྨི་200ལས་ཚད་བརྒལ་བྱུང་བ་དང་། དེ་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་པ་མ་ཟད། རྗེས་མཐུད་ཀྱི་ཨར་ལས་ལ་རྨང་གཞི་བརྟན་པོ་བཏིང་བའང་མཚོན་ཡོད། འདི་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱི་འཛུགས་སྐྲུན་པ་ཚོས་ཧྲོང་ཡུས་མོན་ཟམ་ཆེན་གྱི་ལིའུ་ཧེང་ཕྱོགས་སུ་ཨར་ལས་བྱེད་བཞིན་པ།