དབུ་ཤོག>པར་མཛོད།>པར་མཁན།
  • རང་རྒྱལ་གྱི་ཏུན་9000རིམ་པའི་རླུང་སྐྱིའི་འབྲུ་མཛོད་ཁག་དང་པོ་སྤྱོད་ཉེར་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཉེ་ཆར། རང་རྒྱལ་གྱི་ཏུན་9000རིམ་པའི་རླུང་སྐྱིའི་འབྲུ་མཛོད་5ཀྲུང་གོ་འབྲུ་རིགས་གསོག་འཇོག་ཁྲང་ཧྲ་ཐད་གཏོགས་མཛོད་ཁང་དུ་སྤྱོད་འགོ་ཚུགས་ཉེར་ཡོད་པ་དེ་ཐོག་ནས་རང་རྒྱལ་གྱི་འབྲུ་མཛོད་གསར་པ་རབས་བཞི་པ་དངོས་སུ་ལག་ལེན་བཀོལ་སྤྱོད་ཀྱི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རླུང་སྐྱིའི་འབྲུ་མཛོད་རྐྱང་མའི་མཐོ་ཚད་སྨི་33དང་ཚངས་ཐིག་སྨི་24ཡོད་ཅིང་། འབྲུ་རིགས་ཏུན་9000གསོག་ཉར་ཐུབ་པས། མཛོད་ཁང་གི་ཤོང་ཚད་རབས་སྔོན་མའི་ལག་རྩལ་ལས་20%ཇེ་མཐོར་སོང་ཡོད། སྔོན་དཔག་བྱས་ན། ད་ལོའི་ལོ་མཇུག་ཏུ་རླུང་སྐྱིའི་འབྲུ་མཛོད་དེ་དག་ཚང་མ་ལས་མཇུག་འགྲིལ་ནས་2026ལོའི་ལོ་འགོར་སྤྱོད་འགོ་ཚུགས་རྒྱུ་རེད། འདི་ནི་ཀྲུང་གོ་འབྲུ་རིགས་གསོག་འཇོག་ཁྲང་ཧྲ་ཐད་གཏོགས་མཛོད་ཁང་ནས་པར་བརྒྱབ་པའི་རླུང་སྐྱིའི་འབྲུ་མཛོད་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།