ཧྲང་ཧའེ་ཡི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་འོས་འགན་ནད་བརྟག་སྨན་བཅོས་བྱས་པ།
“ལྔ་གཅིག”གུང་གསེང་རིང་། ཧྲང་ཧའེ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྒྲིག་འཛུགས་ཞིབ་ཚགས་འོག ཧྲང་ཧའེ་རུའེ་ཅིན་སྨན་ཁང་དང་རེན་ཅི་སྨན་ཁང་སོགས་སྨན་ཁང་མང་པོའི་རུས་ནད་ཚན་ཁག་དང་མིག་ནད་ཚན་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་15ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ལ་འོས་འགན་ནད་བརྟག་སྨན་བཅོས་བྱས་པ་རེད། ནད་གཞི་མི་འདྲ་བར་གཞིགས་ནས་རིགས་གཅིག་མཁས་ཅན་ཚོས་རང་གཤིས་ཅན་གྱི་ཆེད་ལས་སྨན་བཅོས་གྲོས་འགོ་བཏོན་པ་དང་ཇུས་གཞི་བཟོས་པ་དང་འབྲེལ་རྒྱུན་སྤྱོད་སྨན་ཡང་སྤྲད་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་རྒྱུན་ཐོན་ནད་གཞི་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ལ་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་བྱས་ཤིང་། འདི་ནི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ནད་པར་བརྟག་དཔྱད་བྱེད་བཞིན་པ།