དཔྱིད་ཀྱི་དཔལ་ཡོན་བཞད། ལུས་སྦྱོང་ཚ་རླབས་འཕྱུར།
སི་ཁྲོན་ཧུང་ཡ་རྫོང་དུ་འཁྱིལ་གདུགས་དབྱིངས་པ་ཚོས་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པ།
ཐེན་ཅིན་པིང་ཧའེ་ཁུལ་གསར་དུ་རྒྱུག་ཤར་གློད་རྒྱུར་དགའ་མཁན་ཚོས་སྤྱི་གླིང་དུ་རྒྱུག་ཤར་གློད་བཞིན་པ།
ཨན་ཧུའེ་ཐུང་ལིང་དུ་གྲོགས་པོ་ཆུང་ཆུང་ཚོས་དགའ་སྤྲོའི་ངང་ཐག་པ་འཐེན་བཞིན་པ།
ཧྲན་ཏུང་ཅིས་ནན་དུ་དགའ་ཉེ་སྤུན་མཆེད་ཚོས་སྤྱི་གླིང་ནང་གུར་ཕུབ་ནས་དཔྱིད་དཔལ་ལ་རོལ་བ།
ཀུའེ་ཀྲོའུ་ཆན་ཤིས་སུ་ཕྲུ་གུ་ཚོས་བྱ་འཕུར་གློད་བཞིན་པ།
ཀོང་ཤིས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་དུ་ཀྲོང་རིགས་ཀྱི་མང་ཚོགས་ཚོས་དར་མདུད་གྲུ་གུ་དབྱུགས་པའི་འགྲན་བསྡུར་བྱེད་བཞིན་པ།
ཧོ་པེ་ཞིང་ཐེར་དུ་ན་གཞོན་ཚོས་ཁམ་བུའི་མེ་ཏོག་གིས་ཁེངས་པའི་ལམ་ཕྲན་དུ་རྐང་འཁོར་བཞོན་ནས་སྐྱོད་བཞིན་པ།
ཀྲེ་ཅང་ཧུའུ་ཀྲོའུ་རུ་གྲུ་གཏོང་རྒྱུར་དགའ་པོ་ཡོད་མཁན་ཚོས་གྲུ་གཏོང་བཞིན་པ།
ཤིན་ཅང་ཧྲ་དབན་དུ་དམངས་ཁྲོད་རྟ་རྒྱུག་འདུ་ཚོགས་སྐབས་བཞི་པ་གཉེར་ནས་རྟ་པ་ཚོས་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།
འཇིག་རྟེན་གྱི་སྐྱེ་འགྲོ་རྣམས་དྭངས་བསིལ་གྱི་ཆུ་ཕྲན་དང་། སྔོ་ལྗང་གི་ལྗོན་ཤིང་། མཚར་སྡུག་གི་མེ་ཏོག་བཅས་ལ་དབྱིངས་ཚུད་པ་ནི་རིང་ནས་གོམས་ཤིང་འདྲིས་པའི་དཔྱིད་དཔལ་བཞད་དུས་ཀྱི་འཚོ་བ་རོལ་སྟངས་ཤིག་ལགས། ད་ལྟ་མི་དེ་བས་མང་བས་རང་བྱུང་ཁམས་ཆེ་མོའི་ཕང་བར་དཔྱིད་ཀྱི་མཛེས་སྡུག་ཉམས་སུ་མྱོང་བར་བྲེལ།
རེ་བས་ཁེངས་པའི་དཔྱིད་དུས་སུ་ང་ཚོ་མ་གྲོས་གཅིག་ཏུ་འཛོམས་ནས་དམངས་ཡོངས་ལུས་སྦྱོང་གི་སྐོར་བྲོ་འཁྲུག་པོ་ཞིག་འཁྲབ་པར་ཕེབས་དང་།
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་།