དབུ་ཤོག>པར་མཛོད།
  • བོད་ཀྱི་མཛེས་རིས་མཁས་ཅན་ལྷག་པ་ཚེ་རིང་གིས།

    གངས་ལྗོངས་ས་མཐོར་གཞིས་ཚུགས་ནས་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་རྩོམ་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ལིའུ་ལིན་ལིན།   |     སྤེལ་དུས།  2025-05-04

    འདི་ནི་ལྷག་པ་ཚེ་རིང་གིས་ལོ་ངོ་སྟོང་གི་གནའ་གྲོང་། སྐྱིད་གྲོང་གི་གྲ་གྲོང་ཚོར་རི་མོ་འབྲི་བཞིན་པ།

    འདི་ནི་ལྷག་པ་ཚེ་རིང་གིས་བརྗོད་དོན་གཙོ་བོའི་རི་མོ《འུན་ཤིང་ཀོང་ཇོ》གསར་རྩོམ་བྱེད་བཞིན་པ།

    འདི་ནི《དུས་བཞིའི་མེ་ཏོག་4》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《དུས་བཞིའི་མེ་ཏོག་1》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《མི་རིགས་མཐུན་སྒྲིལ་གྱི་ནོར་བུ་སྡིངས》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《འདོགས་ཁྱི》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《བོད་ཤར་གྱི་སྡོད་ཁང་གསར་པ》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《རི་མོ་དང་སྲོག་ཆགས》ཞེས་པའི་བརྩམས་ཆོས་ཡིན་པ།

    འདི་ནི《ལོ་གསར》ཞེས་པའི་བརྩམས་ཆོས་ཡིན་པ།

    ལྷག་པ་ཚེ་རིང་དང་ཐོག་མར་འཕྲད་སྐབས་ཁོང་གི་ཆ་ལུགས་བབ་ཆགས་ཤིང་གུས་ལུགས་དང་ལྡན་པ་ཞིག་འདུག བྱེད་རྩོལ་ཁྲོད་ཁོང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་པའི་ཉམས་ཤིག་མངོན་འོང་། ཁོང་གིས་སྐད་ཆ་དེ་ཙམ་མང་པོ་མི་ཤོད་ནའང་རི་མོའི་སྒྱུ་རྩལ་གྱི་སྐོར་གླེང་སྐབས་ལས་རིགས་དེར་དགའ་ཞེན་ཆེ་བའི་སྤྲོ་བ་ཞིག་ངང་གིས་སྟེར།

    ལྷག་པ་ཚེ་རིང་གི་ཕ་ཡུལ་ནི་བོད་ལྗོངས་གཞིས་རྩེ་ནས་ཡིན་པ་དང་། 1999ལོར་བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་ཚན་ཁག་ནས་ཐོན་རྗེས་མཛེས་རྩལ་གསར་རྩོམ་དང་ཞིབ་འཇུག་ལ་གཞོལ་བ་དང་། ལྷག་པར་དུ་རས་བྲིས་རི་མོའི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁོང་ནི་རྒྱལ་ཡོངས་མཛེས་རྩལ་ལས་རིགས་སུ་ཤུགས་རྐྱེན་ཧ་ཅང་ཆེ་བའི་མཛེས་རྩལ་མཁས་ཅན་ཞིག་ཡིན་པ་དང་། ད་ལྟ་ཀྲུང་གོ་ལས་རིགས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཐང་གའི་རིག་གནས་སྒྱུ་རྩལ་སྐུལ་སྤེལ་ལྷན་ཚོགས་ཀྱི་སྒྱུ་རྩལ་ཨུ་ལྷན་གྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་མཛེས་རྩལ་ཁང་གི་ཀོན་ཀྲང་སོགས་ཀྱི་འགན་འཁུར་བཞིན་ཡོད། ཁོང་གི་བརྩམས་ཆོས་ལས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡུལ་སྲོལ་གོམས་འདྲིས་མངོན་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་དང་ཐང་གའི་སྒྱུ་རྩལ་གྱི་གཞི་རྒྱུའང་མཉམ་འདྲེས་བྱས་པས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་ཡོད། ཁོང་གི་བརྩམས་ཆོས་རྒྱལ་ཁབ་མང་པོར་འགྲེམས་སྟོན་བྱས་པ་མ་ཟད། གྲགས་ཅན་གྱི་སྒྱུ་རྩལ་ལས་ཁུངས་དང་ཉར་ཚགས་མཁས་ཅན་མང་པོས་ཉར་ཚགས་ཀྱང་བྱས་ཡོད།

    “ངས་སྲོལ་རྒྱུན་གྱི་ལྡེབས་རིས་དང་ཐང་གའི་མེ་ཏོག་སོགས་ཀྱི་གཞི་རྒྱུ་ད་ལྟའི་བརྩམས་ཆོས་ནང་མཚོན་རྒྱུར་དགའ་པོ་ཡོད། གཞན་ཡང་གཞི་རྒྱུ་དེ་དག་དེང་རབས་ཀྱི་རྣམ་པའི་ཐོག་ནས་མངོན་པར་བྱེད་པ་དང་། རས་བྲིས་ཀྱི་རྣམ་པ་བརྒྱུད་ཞིབ་བརྗོད་བྱས་རྗེས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་བསམ་གཞིག་ཟབ་མོ་བྱེད་ཀྱི་ཡོད”ལྷག་པ་ཚེ་རིང་གིས“གསར་རྩོམ་བྱེད་སྟངས་དེ་རིགས་ནི་སྟབས་བདེའི་བརྡ་རྟགས་མཐུད་འབྱར་བྱེད་པ་ཞིག་མིན་པར། སྲོལ་རྒྱུན་སྒྱུ་རྩལ་གྱི་ཉིང་བཅུད་ལ་གོ་བ་གཏིང་ཟབ་བླངས་པའི་རྨང་གཞིའི་ཐོག་བོད་ཀྱི་ཡུལ་དེ་རང་གི་རིག་གནས་ཁྲོད་དེང་རབས་ཀྱི་སྒྱུ་རྩལ་གྱི་སྐད་ཆ་མཚོན་པར་བྱེད་དགོས”ཞེས་བཤད།

    2012ལོ་ནས་2019ལོའི་བར་བོད་དུ“བོད་ཀྱི་ཐང་ག་གསར་པ་བརྒྱའི་འདུ་འགོད”ལ་སྐུལ་འདེད་གཏོང་རིང་འཚོ་བར་གཞི་ཚུགས་པའི་གསར་རྩོམ་གྱི་འདུ་ཤེས་དེ་རིགས་གང་ལེགས་མངོན་ཐུབ་པ་བྱུང་ཡོད། ཁོང་གིས་རི་མོ་མཁན་200ལྷག་ཙམ་དང་མཉམ་དུ་གསར་རྩོམ་བྱས་པའི《མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ》དང《བོད་ཞི་བས་བཅིངས་འགྲོལ་བཏང》སོགས་བརྩམས་ཆོས་ཀྱིས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་བོད་ཀྱི་དམངས་ཁྲོད་ཀྱི་གནས་ཚུལ་ཞིབ་བརྗོད་བྱེད་སྟངས་གསོན་ཉམས་དོད་པོས་ཟུང་འབྲེལ་བྱས་པས་དུས་རབས་ཀྱི་འཕོ་འགྱུར་མངོན་པ་མ་ཟད། མི་རིགས་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་རང་སོར་མངོན་ཡོད། “མཛེས་གསར་ཐང་གའི”གསར་རྩོམ་དོན་གཉེར་ལས་བོད་ཀྱི་བརྗོད་དོན་གཙོ་བོ་མཚོན་པའི་རི་མོར་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

    བོད་ལྗོངས་མཛེས་རྩལ་ཁང་གི་ཀོན་ཀྲང་ཡིན་པའི་ཆ་ནས། ལྷག་པ་ཚེ་རིང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་རིག་གནས་ཀྱི་གནས་རྟགས་གསར་པ་ཞིག་གཏོད་བཞིན་ཡོད། “བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་ལོ་ཟུང་འགྲེམས་སྟོན”དང“ཐང་གའི་རྒྱལ་སྤྱིའི་རིག་གཞུང་གླེང་སྟེགས”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་བོད་ལྗོངས་མཛེས་རྩལ་ཁང་དེ་སྲོལ་རྒྱུན་དང་དེང་རབས། བོད་ལྗོངས་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ཞིག་ཏུ་གྱུར་ཡོད། དེ་གར་གནའ་བོའི་ཐང་ག་དང་གྲངས་འཛིན་སྒྱུ་རྩལ་གྱི་སྤེལ་རེས་ཡོད་པ་མ་ཟད། ཡུལ་དེ་གའི་རི་མོ་མཁས་ཅན་དང་རྒྱལ་སྤྱིའི་འགྲེམས་འགོད་པའི་བསམ་བློ་བརྗེ་རེས་ཀྱང་ཐུབ་ཀྱི་ཡོད།

    བོད་ལྗོངས་མཛེས་རྩལ་ཁང་གི་རྩེ་རིམ་འགྲེམས་ཁང་ནས་ལྷག་པ་ཚེ་རིང་གིས་ཕོ་བྲང་པོ་ཏ་ལ་དང་དེ་བཞིན་ནམ་མཁའི་མཐའ་ལ་གཟིགས་ཤིང་། “བོད་ཀྱི་མཛེས་རྩལ་དེ་དངོས་འབྲེལ་འཛམ་གླིང་ཕྱོགས་སུ་སྐྱོད་པར་ཐོག་མར་བྱང་ཆུབ་པའི་ལག་རྩལ་རྨང་གཞིར་བརྟེན་དགོས་ལ། དེ་བས་རིག་གནས་གདེང་ཚོད་དེ་གདིང་ཤུགས་སུ་འཛིན་དགོས། ང་ཚོས་མི་རིགས་སྒྱུ་རྩལ་གྱི་གཞི་རྒྱུའི་གསང་བའི་ཨང་གྲངས་སྲུང་སྐྱོང་ཡག་པོ་བྱེད་དགོས་ལ། དེ་བས་རྒྱལ་སྤྱི་ཅན་གྱི་སྒྱུ་རྩལ་གྱི་སྐད་ཆར་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་དགོས”ཞེས་ལྷག་པ་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།