པར་རིས་གསར་འགྱུར།
གཞི་རིམ་བཅོས་སྐྱོང་དེ་ཉིད་ཞིབ་ཚགས་ཅན་དང་བློ་རིག་ཅན་གྱི་ཕྱོགས་སུ་སྐུལ་འདེད་གཏོང་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆུ་རག་གླིང་སྡེ་ཁུལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། སྡེ་ཁུལ་གྱིས་དྲ་མིག་དམ་འཛིན་བྱ་གཞིར་བྱས་ནས་དམངས་ཕན་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་བྱ་ཐབས་ལྡན་པ་མ་ཟད་དྲོ་སྐྱིད་ཀྱང་ལྡན་པར་བྱས་པ་རེད། ཉེ་ཆར། གྲོང་མི་སྐལ་བཟང་བཀྲ་ཤིས་ཁྱིམ་གྱིས“དམངས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་ནས་ཉེན་ཁ་སེལ་བ་དང་། མང་ཚོགས་སེམས་ལ་བཅངས་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པའི”གོས་དར་ཞིག་ཁྲེང་ཀོན་ཆུས་ཆུ་རག་གླིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་བསྐྱལ་ནས། དྲ་མིག་པས་དུས་ཡུན་རིང་པོར་རང་ཉིད་ཀྱི་ཁྱིམ་ཚང་ལ་རོགས་སྐྱོར་སྣ་ཚོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།