འགན་འཁྲི་ཕྲག་ཏུ་ཁུར། དངོས་སྦྱོང་ཧུར་ཐག་བྱེད།
ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་སྔོན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་མེ་ཏོག་རྫོང་དུ་བཅའ་སྡོད་འགོག་སྲུང་ཡན་ལག་རུ་ཁག་གིས་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོར་གཞི་ཁྱོན་ཆེ་བའི་མེ་གསོད་ནང་སྦྱོང་བྱས་ཏེ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ནུས་ལྡན་བཏང་ནས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཞིང་། འདི་ནི་མེ་གསོད་ནང་སྦྱོང་བྱེད་བཞིན་པ།