རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
2019ལོར། བོད་ཀྱི་ལྷ་མོའི་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཡུལ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་སྟེ་ཁྱད་ལྡན་དམངས་སྲོལ་གནས་ཚང་བསྐྲུན་ཡོད། ད་ཆ“ལྷ་མོ་དང་དམངས་སྲོལ་གནས་ཚང་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་བཞིན་ཡོད། འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཡུལ་མིས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ།