“སོར་རྩེའི་ལག་ཤེས”ནས“སོར་རྩེའི་དཔལ་འབྱོར”བར་ གྱི་འགྱུར་ལྡོག
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཕན་ཚུན་འདེགས་སྐྱོར་གྱི་ལམ་སྲོལ་ཧུར་ཐག་བཙུགས་ཏེ། སྲོལ་རྒྱུན་ལག་ཤེས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས“སོར་རྩེའི་ལག་ཤེས”ནས“སོར་རྩེའི་དཔལ་འབྱོར”བར་འགྱུར་ལྡོག་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་ཐུབ་ཡོད། འདི་ནི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ཉི་འོད་མི་རིགས་ལག་ཤེས་ཐོན་རྫས་ཚད་ཡོད་ཀུང་སིའི་ལག་ཤེས་པས་རྫ་ཆས་བཟོ་བཞིན་པ།