ཤིང་འཛུགས་ནགས་བཟོ་བྱེད་པར་བྲེལ།
འདི་ནི་ཤིང་འཛུགས་ནགས་བཟོ་བྱེད་ཡུལ་ཡིན་པ།
ཉེ་ཆར། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གྲངས་གཞི་དོ་དམ་པུའུ། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཧྲང་ཧའེ་གྲངས་གཞི་ཆེན་པོའི་རིག་ལྡན་ལྟེ་གནས། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། བོད་ལྗོངས་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་མཉམ་དུ“‘འཛུགས་སྐྲུན་དངུལ་ཁང་དང་མཉམ་དུ་ལྷོ་རི་བྱང་རིར་ཤིང་འཛུགས་ནགས་བཟོ་བྱེད——བོད་དུ་ང་ལ་ཤིང་སྡོང་གཅིག་ཡོད་པའི”སྤྱི་ཕན་ཤིང་འཛུགས་བྱེད་སྒོ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དཔལ་སྡིངས་ཤར་མའི་2—1འཛུགས་སྐྲུན་དངུལ་ཁང་ཤིང་འཛུགས་ཁུལ་དུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་2022ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་དཔལ་སྡིངས་ཤར་མའི་ཨང་རྟགས་2—1ཡུག་ཁུལ་གྱི་སྔོན་འགྱུར་ལས་གྲྭའི་ལས་འགན་ཁུར་ཚུན། རིམ་རྩིས་བརྒྱབ་ན་རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས། ཤིན་སོན་སྣ་ཚོགས་ཁྲི་32ལྷག་ཙམ(གསབ་འདེབས་ཚུད་པ)བཏབ་པ་དང་། ཤིང་འཛུགས་ཁྱབ་ཚད་དང་གསོན་ཚད་90%ཡན་ཟིན་ཏེ་ས་གནས་དེ་གའི་མི་ཐེངས་8000ལྷག་ཙམ་ངལ་ལས་བཀོལ་སྤྱོད་ཐུབ་པར་སྐུལ་ཁྲིད་ནུས་ལྡན་བྱས་ཤིང་། རིམ་རྩིས་བརྒྱབ་ན་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་6.46བཏང་བར་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།