དབུ་ཤོག>པར་མཛོད།
  • བོད་ལྗོངས་ནག་ཆུར་དཔྱིད་དུས་སུ་སྡོང་ཕྲུག་འཛུགས་པར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-30

    འདི་ནི་ཟླ་4ཚེས་25ཉིན་པར་བླངས་པའི་ནག་ཆུ་གྲོང་ཁྱེར་གྱི་མཐོ་གྲང་ས་བབ་མཐོ་བའི་ཤིང་འཛུགས་ཚོད་འདེབས་རྟེན་གཞི་གཉིས་པ་ཡིན་པ།(མི་མེད་གནམ་གྲུས་པར་བླངས)

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་འགའ་ཡིས་སྡོང་ཕྲུག་འཛུགས་བཞིན་པ།

    ཉེ་ཆར་ནག་ཆུ་གྲོང་ཁྱེར་གྱིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ས་བབ་མཐོ་བའི་ས་ཆ་འདིར་ལྗང་མདོག་གི་མཛེས་རྒྱན་སྤྲོས་པར་བྲེལ་བཞིན་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི་4500ཟིན་ཞིང་། ས་བབ་མཐོ་བ་དང་། འཁྱག་ས་གཏིང་རིང་བ། དྲོད་ཚད་དམའ་བ། ལོ་འཁོར་མོར་ལྷགས་པ་ཆེན་པོ་ལྡང་བའི་གནམ་གཤིས་མང་བ། རྩི་ཤིང་གི་སྐྱེ་འཚར་དུས་འཁོར་ཐུང་བ་སོགས་ཀྱི་རྐྱེན་པས་རང་བྱུང་ལྗོན་ཤིང་མེད་པས། དེ་སྔ་ཀྲུང་གོ་ནས་ལྗོན་ཤིང་མེད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་གཅིག་པུ་དེ་རེད། འོན་ཀྱང་ས་ཆ་འདིར་འཚོ་བ་སྐྱེལ་མཁན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འདི་གར་ལྗོན་ཤིང་འདེབས་པའི་རེ་བ་གཏན་ནས་འདོར་མྱོང་མེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།