དབུ་ཤོག>པར་མཛོད།
  • རྒྱལ་སྲུང་སློབ་གསོར་བརྟེན་ནས་དམག་མིའི་བླ་སྲོག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    སྔོན་བཀོད་དམག་གསར་གྱིས་བོད་དམག་ཁུལ་ཁང་གི་དམག་མིའི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    སྔོན་བཀོད་དམག་གསར་གྱིས་བོད་དམག་ཁུལ་ཁང་གི་དམག་མིའི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཉེ་ཆར་ཁྲེང་ཀོན་ཆུས་དམག་བསྡུ་གཞུང་ལས་ཁང་གིས་2025ལོའི་ལོ་སྟོད་ཀྱི་སྔོན་བཀོད་དམག་གསར་སྒྲིག་འཛུགས་བྱས་ནས་དམག་ཞུགས་གོང་གི་སློབ་གསོ་བརྒྱབ་པ་དང་། བོད་དམག་ཁུལ་ཁང་གི་དམག་མིའི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་ནས་སྔོན་བཀོད་དམག་གསར་ལ་རྒྱལ་སྲུང་སློབ་གསོའི“སློབ་ཚན་དང་པོ”ཡག་པོ་ཁྲིད་ཡོད།

    དམག་མིའི་ལོ་རྒྱུས་ཁང་དུ་སྔོན་བཀོད་དམག་གསར་ཚོས་གསལ་འགྲེལ་པ་དང་མཉམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་ཕྱིར་དྲན་བྱས་པ་དང་། བོད་དམག་ཁུལ་ཁང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་བྱས་པ། བོད་སྡོད་དཔུང་སྡེའི་དམག་འཁྲུག་གི་ལོ་ཟླ་དང་དཀའ་ཚེགས་ཆེ་བའི་འབད་འཐབ་ཀྱི་རྣམ་པ་བསྐྱར་དྲན་བྱས་པ། གངས་ལྗོངས་དམག་དམངས་ཀྱིས་རང་སྲོག་བློས་གཏོང་གིས་ལེགས་སྐྱེས་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཚོར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།