ཆབ་མདོ་མཛོ་སྒང་རྗོང་།
མང་ཚོགས་ཀྱིས་དགའ་སྤྲོའི་ངང་བགོ་འགྲེམས་ལེན་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོས་ལོ་གཅིག་ཐེངས་གཅིག་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བགོ་འགྲེམས་མཛད་སྒོ་འཚོགས་པ་རེད། བྱེད་སྒོའི་ཉིན་མོར། འཁྲུག་ཆ་དོད་པའི་གྲོང་ཚོའི་གང་སར་དགའ་སྤྲོ་དང་རེ་སྒུག་གི་རྣམ་པ་ཞིག་མངོན་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་མཉམ་ལས་ཁང་གིས་ཁྱོན་མ་དངུལ་སྒོར་ཁྲི་191.7བགོ་འགྲེམས་བརྒྱབ་པ་དང་དུད་ཚང་213ལ་ཆ་སྙོམས་སྒོར་9000རག་ཡོད་པ་རེད། འདི་ནི་བགོ་འགྲེམས་རྒྱག་ཡུལ་ཡིན་པ།