ཉིང་ཁྲིའི་ཟས་ཀྱི་བྲོ་བ་མྱོང་། ཁམ་བུའི་མེ་ཏོག་སྟོན་མོར་རོལ།
ཟླ་4ཚེས་12ཉིན། ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་ལྡན་བཞེས་ཚལ་གྱི་ས་གནས་ཚད་གཞིའི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་སྐབས་གཉིས་པ་གཉེར་ཞིང་། ད་རེས་ཀྱི་བྱེད་སྒོ་ནི་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་7(གྲོང་ཁྱེར་དང་ཆུས)གྱིས་འོས་སྦྱོར་བྱས་པའི་ས་གནས་ཀྱི་ཁྱད་ལྡན་ཞིམ་ཟས་18བཟོས་པ་དང་འགྲེམས་སྟོན་བྱས་ཁར། རིམ་རྩིས་བརྒྱབ་ན་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་1600ལྷག་ཙམ་བཀུག་ཡོད།
འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མི་དང་ཡུལ་སྐོར་བས་ཉིང་ཁྲིའི་ཁྱད་ལྡན་བཞེས་ཚལ་གྱི་བྲོ་བ་མྱོང་བཞིན་པ།