སྒོ་དབྱེའི་མཉམ་ལས་གསར་གཏོད་བྱས་ཏེ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ནུས་འཕེལ་བར་བྱས་པ།
འདི་ལོ་ནི་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་45འཁོར་བ་དང་ཆན་ཧའེ་ཧྲེན་ཀང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཁུལ་དབུ་བརྙེས་ནས་ལོ་15འཁོར་བའི་ལོ་ཡིན། ཧྲེན་ཀྲེན་གྱིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། ཧྲེན་ཀྲེན་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་དང་། ལྟེ་བའི་སྒུལ་ཤུགས། འགག་སྣེ་བཅས་ཀྱི་གྲས་ཤིག་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་། ཆན་ཧའེ་དང་ཧོ་ཐའོ་སོགས་ཀྱི་ལས་སྟེགས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཤང་ཀང་དང་ཨའོ་མོན་དབར་དངོས་སྒྲུབ་མཉམ་ལས་དམ་ཟབ་ཡོང་བར་བྱས་ཡོད།
འདི་ནི་ཧོ་ཐའོ་ཧྲེན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཡིན་པ།