ཚན་རྩལ་ཉོ་ཚོང་འགྲེམས་སྟོན་ཐོག་ནས་འབྱུང་འགྱུར་ལ་ལྟ་བ།
ཟླ་4ཚེས་26ཉིན། ཀྲུང་གོ(ཨན་ཧུའེ)ཚན་རྩལ་གསར་གཏོད་གྲུབ་འབྲས་སྤོ་སྒྱུར་ཉོ་ཚོང་འགྲེམས་སྟོན་སྐབས་གསུམ་པ་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་དེའི་ཚན་རྩལ་ཉོ་ཚོང་འགྲེམས་སྟོན་གྱིས“ཚན་རྩལ་གྱིས་གཡུལ་སའི་གདོང་དམག་བྱེད། གསར་གཏོད་ཀྱིས་འབྱུང་འགྱུར་གྱི་རྒྱལ་ཁ་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཉིས་སྟོང་ལྷག་ཙམ་དང་མཐོ་སློབ་ཉིས་བརྒྱ་ལྷག་ཙམ་འགྲེམས་སྟོན་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་20000ཟིན་པ་དང་། སྔོན་འགྲོའི་ཚོམས་ཆེན་དང་། ཚན་རྩལ་སྣེ་ཁྲིད། ཐོན་ལས་གསར་གཏོད། སྐྱེ་ཁམས་མཐུན་སྦྱོར། “གཉིས་འགུགས་གཉིས་འདྲེན”ཚོང་བཤད་འབྲེལ་མཐུད་དང་དེ་བཞིན་ལག་རྩལ་གསར་པ་དང་ཐོན་རྫས་གསར་པའི་མྱོང་རོལ་བཅས་འགྲེམས་སྟོན་འབྲེལ་མཐུད་བྱ་ཡུལ་6བཀོད་སྒྲིག་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་ཡོད་པ་རེད།
འདི་ནི་ཀྲུང་གོ(ཨན་ཧུའེ)ཚན་རྩལ་གསར་གཏོད་གྲུབ་འབྲས་སྤོ་སྒྱུར་ཉོ་ཚོང་འགྲེམས་སྟོན་སྐབས་གསུམ་པར་ལྟད་མོ་བས་གྲངས་འཛིན་སྒུལ་བྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་མི་རྫས་འགྱུར་མཁས་པར་ལྟ་བཞིན་པ།