རིག་རྩལ་སྟོན་མོ་གཟབ་རྒྱས་བཤམས། ལོ་ངོ་དྲུག་ཅུའི་དུས་བཟང་བསུ།
གཏམ་བརྗོད་ཟློས་གར《རྒྱང་རིང་གི་ལྷ་ས་སྐྱིད་ཆུ》འཁྲབ་སྟོན་ཐེངས་དང་པོ་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་སུ་ཕུལ་བ།
གཏམ་བརྗོད་ཟློས་གར《རྒྱང་རིང་གི་ལྷ་ས་སྐྱིད་ཆུ》འཁྲབ་སྟོན་བྱེད་སྐབས་བླངས་པ་རེད། (པར་ཚང་མ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་མཁོ་འདོན་བྱས)

འདི་ནི་པེ་ཅིང་བོད་སྐྱོར་ལས་དོན་པས་གཏམ་བརྗོད་ཟློས་གར《རྒྱང་རིང་གི་ལྷ་ས་སྐྱིད་ཆུ》འཁྲབ་སྟོན་ཐེངས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ།
“ང་ནི་པེ་ཅིང་གི་བུ་ཕྲུག་ཡིན་ལ་ས་མཐོའི་བུ་ཕྲུག་ཀྱང་ཡིན། ངས་ལང་ཚོ་དང་ཕུགས་བསམ་གྱི་ས་བོན་ལྷ་ས་སྐྱིད་ཆུའི་ངོགས་སུ་བཏབ་རྒྱུ་མ་ཟད། གནམ་བདེ་སྒོ་མོའི་ཐང་ཆེན་ནས་ཕུགས་བསམ་གྱི་གཤོག་རྩལ་ཡོངས་སུ་རྒྱས་པར་བྱེད་ཀྱི་ཡིན” གར་སྟེགས་ཀྱི་འོད་མདངས་རིམ་བཞིན་ཇེ་མོག་ཏུ་སོང་བ་དང་བསྟུན་ནས་པི་ཝང་རྒྱུད་གསུམ་མའི་སྒྲ་ལྷང་ལྷང་གྲགས་འོང་། དེ་མ་ཉིད་དུ་དེར་འཁོད་ལྟད་མོ་བ་ཚོར་པེ་ཅིང་གི་སྲང་ལམ་དང་གངས་ལྗོངས་ས་མཐོ་གཉིས་དམ་དུ་འབྲེལ་བའི་སྣང་བ་ཞིག་ངང་ངམ་ཤུགས་སུ་སྟེར།
ཉེ་དུས། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་། པེ་ཅིང་འཁྲབ་སྟོན་ཚོགས་པ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བརྩམས་པ་དང་། པེ་ཅིང་གྲོང་ཁྱེར་ཁྲང་ཞི་དང་ཟློས་གར་ཚོགས་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འཁྲབ་སྟོན་སྒྲིག་བཟོ་བྱས་པ། པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པའི་གཏམ་བརྗོད་ཟློས་གར《རྒྱང་རིང་གི་ལྷ་ས་སྐྱིད་ཆུ》ཞེས་པ་པེ་ཅིང་རྒྱལ་སྤྱིའི་ཟློས་གར་ལྟེ་གནས་ཚའོ་ཡུས་ཟློས་གར་ཁང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་སུ་ཕུལ་བ་རེད།
གཏམ་བརྗོད་ཟློས་གར་དེའི་ནང་། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་ཁྲེང་ཡན་ཅེ་དང་སུང་དབྱི་ལེ་སོགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བོད་སྐྱོར་ལས་ལ་གཞོལ་རིང་གི་ལས་ཀ་དང་འཚོ་བའི་སྐོར་གཙོ་བོར་བྱས་ཏེ། དོན་དངོས་དང་མཐུན་པ་མ་ཟད་ཞིབ་ཅིང་ཕྲ་བའི་བྱུང་རིམ་བརྗོད་སྟངས་དང་སྣ་མང་རྒྱུ་ཆ་མཉམ་དུ་འདུས་པའི་སྒྱུ་རྩལ་མཚོན་སྟངས་ཀྱི་ཐབས་ལ་བརྟེན་ནས་བོད་སྐྱོར་ལས་བྱེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་མི་རིགས་ཁག་དབར་གྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས་ཡོད།
“གཏམ་བརྗོད་ཟློས་གར《རྒྱང་རིང་གི་ལྷ་ས་སྐྱིད་ཆུ》ནི་བོད་སྐྱོར་ལས་བྱེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བསྔགས་བརྗོད་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོར་བསྟོད་གླུ་ཕུལ་བ་ཞིག་རེད་ལ། དེ་བས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་ཕུལ་བ་ཞིག་ཀྱང་རེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཆོས་སྒྲོན་གྱིས་བརྗོད་པ་དང་། ཁོང་གིས་གཏམ་བརྗོད་ཟློས་གར་དེ་ཉིན་ཤས་གོང་པེ་ཅིང་རྒྱལ་སྤྱིའི་ཟློས་གར་ལྟེ་གནས་ཚའོ་ཡུས་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་དང་། དེ་རྗེས་པེ་ཅིང་ཐན་ཆའོ་སྒྱུ་རྩལ་ལྟེ་གནས་ཀྱི་འཁྲབ་ཁང་འབྲིང་མར་ཐེངས་གསུམ་བསྟུད་མར་འཁྲབ་སྟོན་བྱས་ཏེ། སྐྱེ་བོ་དེ་བས་མང་བས་རྒྱང་རིང་གི་ལྷ་ས་སྐྱིད་ཆུའི་ཤང་ཤང་རྒྱུག་སྒྲ་དང་ལྷ་ས་སྐྱིད་ཆུའི་བརྩེ་བ་ཟབ་མོ་ཚོར་བར་བྱས་པ་རེད་ཅེས་བརྗོད།