དབུ་ཤོག>པར་མཛོད།
  • འཕྲུལ་ཁྱིས་ཁྲོམ་གཞུང་དུ“དམངས་དོན་ཁྲིམས་གཞུང”ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-26

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དང་བླངས་ཞབས་ཞུའི་རུ་ཁག་ལ་བརྟེན་པ་དང་། ཆི་མེང་ཉིང་ཁྲི་ཁྲིམས་རྩོད་པའི་ལས་དོན་ཁང་དང་མཉམ་དུ་ཀོང་པོའི་ཁྲོམ་གཞུང་དུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། མི་ཐབས་ཀྱི་རིག་ནུས་འཕྲུལ་ཁྱི་G02ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་བཏོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་རིག་ནུས་ཅན་དང་། མཉམ་འགུལ་ཅན། གོ་ཆོད་ཅན་བཅས་ཡོང་བར་སྐུལ་འདེད་བཏང་བ་དང་། རིམ་རྩིས་བརྒྱབ་ན་ལྟད་མོ་བ་མི་ཐེངས་500ལྷག་གི་ཡིད་དབང་བཀུག་པ་དང་། རྩ་གཉིས་ཨང་རྟགས་བཤེར་མཁན་800ལས་བརྒལ་ཡོད། འདི་ནི་གྲོང་མི་ཞིག་གིས་AIཁྲིམས་སྐྱོང་འཕྲུལ་ཁྱི་དང་མཉམ་འགུལ་ངང་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་སྦྱོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།