འགྲེམས་སྟོན་ལ་བལྟས་ནས་སྤྲོ་སྣང་འཕེལ་བར་བྱེད་པ།
ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་པོའི་རྒྱལ་ཡོངས་ཀྱི་པར་རྒྱག་འགྲེམས་སྟོན་དང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡིག་གཟུགས་མཛེས་རྩལ་འགྲེམས་སྟོན་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་སྤྱི་གླིང་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ལ་པར་རྒྱག་དང་། ཡིག་གཟུགས། མཛེས་རྩལ་བཅས་ཀྱི་བརྩམས་ཆོས་ཁྱོན་160འགྲེམས་སྟོན་བྱས་ཏེ“མི་ཡུལ་གྱི་ཁམ་བུའི་མེ་ཏོག བདེ་སྐྱིད་ལྡན་པའི་ཉིང་ཁྲི”ཞེས་པའི་ཕུན་སུམ་ཚོགས་པའི་ནང་དོན་གང་ལེགས་མངོན་པར་བྱས་ཡོད།
སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཀོང་ཏུང་ཞིང་ཆེན་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས“ཀོང་ཏུང་པར་རྒྱག་མཁས་ཅན་གྱི་གནས་སྐོར་གསར་རྩོམ་གྱི་ཉིང་ཁྲིའི་འབྲེལ་གཏུག་ཁང”གི་བྱང་བུ་སྤྲད་པ་རེད།
འདི་ནི་མི་རྣམས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།