སའི་གོ་ལའི་ཉིན་མོར་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལྗང་མདོག་གི་འབྱུང་འགྱུར་མཉམ་དུ་བཏོད་པ།
ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་ཤིང་ཝང་ཀྲའེ་གྲོང་རྡལ་གྱི་དང་བླངས་པས་ཡུལ་དེའི་མཛེས་ལྗོངས་ཁུལ་ཞིག་ནས་གད་སྙིགས་སྒྲུག་བཞིན་པ།
ཧྲན་ཏུང་ཆིང་ཏའོ་ཧྥུའུ་ཧྲན་ལམ་སློབ་ཆུང་གི་སློབ་མས“སའི་གོ་ལར་གཅེས་སྤྲས་བྱེད”ཅེས་པའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོའི་ཁྲོད“མེ་རི་འབར་སྟངས”སྐོར་གྱི་ཚན་རིག་ཚོད་ལྟ་བྱེད་བཞིན་པ།
ཧྲེན་དབྱང་གྲོང་ཁྱེར་ཐེ་ཤེས་ཆུས་པའོ་ཀུང་སློབ་གྲྭ་གཉིས་པའི་སློབ་མས་རང་ཉིད་ཀྱིས་བཟོས་པའི་འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་བརྗོད་དོན་གཙོ་བོའི་ལག་བྲིས་ཚགས་པར་ཡིན་པ།
ཁྱིམ་བདག་གིས་གྲོགས་པོ་ཆུང་ཆུང་འཁྲིད་དེ་ཨན་ཧུའེ་ཞིང་ཆེན་ས་གཤིས་རྟེན་མཛོད་ཁང་དུ་ས་གཤིས་ཀྱི་ཤེས་བྱ་སྦྱངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བཞིན་པ།
ཟླ་4ཚེས་22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཡིན་ཞིང་། ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཁོར་ཡུག་སྲུང་སྐྱོང་དང་སའི་གོ་ལར་གཅེས་སྤྲས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།