ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་སྟོན་ཚོགས་སྐབས་ལྔ་པའི་འགྲེམས་ཞུགས་རྒྱ་ཁྱོན་གྱིས་སྐབས་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་པ།
འདི་ནི་གཟིགས་མོ་བས་འཛད་ཟོག་སྟོན་ཚོགས་སྐབས་ལྔ་པའི་གོ་ལ་ཧྲིལ་པོའི་ཁྱད་ལྡན་འཛད་སྤྱོད་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཟླ་4ཚེས་18ཉིན། དུས་ཡུན་ཉིན་དྲུག་གི་ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་སྟོན་ཚོགས་སྐབས་ལྔ་པ་མཇུག་འགྲིལ་བ་རེད། སྐབས་འདིའི་འཛད་ཟོག་སྟོན་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་71ནས་ཡོང་བའི་ཁེ་ལས་1767དང་འཛད་ཟོག་སྤུས་རྟགས་4209འགྲེམས་སྟོན་ནང་ཞུགས་པས་གཞི་ཁྱོན་སྐབས་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། སྐབས་འདིའི་འཛད་ཟོག་སྟོན་ཚོགས་ཀྱི་ཆེད་ལས་ཉོ་སྒྲུབ་ཚོང་པ་ཁྲི་6ལྷག་ཙམ་ཟིན་པ་དེ་སྐབས་བཞི་པའི་དུས་མཚུངས་ལས་10%ལྷག་ཙམ་འཕར་ཡོད་པ་རེད། འདི་ནི་གཟིགས་མོ་བས་འཛད་ཟོག་སྟོན་ཚོགས་སྐབས་ལྔ་པའི་ཁྱད་ལྡན་རྒྱལ་ཟོག་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཉིན་ཤས་གོང་། ཁྲུང་ཆིང་གྲོང་ཁྱེར་མ་འཇོག་ཚོགས་པས་མ་དངུལ་བཏང་བ་དང་། གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་ཀུང་སིས་འཛུགས་སྐྲུན་སྒྲིག་འཛུགས་བྱས་པ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱིས་བསྐྲུན་འགན་འཁུར་བའི་ཧོང་ཅུའེ་ཐའོ་འབྲི་ཆུའི་ཟམ་ཆེན་གྱི་འཐེན་ཐག་དེ་གྲུ་གཟིངས་ཀྱི་འཐེན་འདུད་འོག་འབྲི་ཆུ་སྒྲོལ་བ་དང་། ཟམ་ཆེན་ལྷོ་བྱང་ངོགས་གཉིས་ཀྱི་མཐོ་ལྕོག་བདེ་བླག་ངང་བསླངས་ཐུབ་པ་བྱུང་ཡོད། ཧོང་ཅུའེ་ཐའོ་འབྲི་ཆུའི་ཟམ་ཆེན་ནི་ཁྲུང་ཆིང་གི་མྱུར་བགྲོད་གཞུང་ལམ་འབྲེལ་མཐུད་ལས་གྲྭའི་ཚོད་འཛིན་རང་བཞིན་གྱི་མཚམས་ཚིགས་ལས་གྲྭ་ཞིག་ཡིན་པ་དང་ཟམ་ཆེན་དེ་བསྐྲུན་རྗེས་ཁྲུང་ཆིང་གི་གྲོང་ཁུལ་གཙོ་བོ་འབྲེལ་བའི་འབྲི་ཆུའི་ལྷོ་བྱང་ངོགས་གཉིས་ཀྱི་འགྲིམ་འགྲུལ་མ་ལམ་གལ་ཆེན་དུ་འགྱུར་རྒྱུ་ཡིན་ཞིང་། འདི་ནི་ཁྲུང་ཆིང་ཧོང་ཅུའེ་ཐའོ་འབྲི་ཆུའི་ཟམ་ཆེན་གྱི་ལས་ཡུལ་ཡིན་པ།