དབུ་ཤོག>པར་མཛོད།>པར་མཁན།
  • ཧྲན་ཏུང་ཅི་མོ་རུ“རྩྭ་དང་མེ་ཏོག་གི་དཔལ་འབྱོར”གྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ལིང་ཧྲན་ཁྲོམ་གཞུང་གིས་དེང་རབས་སྒྲིག་བཀོད་ཀྱི་ཞིང་ལས་དམ་འཛིན་བྱ་གཞིར་བྱས་ཏེ། རྩྭ་དང་མེ་ཏོག་གི་ཐོན་ལས་ཞིབ་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་བྱས་ནས་ཞིང་པ་དང་འབྲེལ་མཐུད་དང་ཞིང་པར་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་ལ་བརྟེན་ཏེ་མྱུ་གུ་འདེབས་གསོ་དང་། དེང་རབས་ཅན་གྱི་འདེབས་གསོ། དྲ་ཐོག་ཚོང་དོན་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་འཚོང་བྱེད་སྟངས་ཤིག་བཏོད་ནས། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་། ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་བྱས་ཡོད།

    འདི་ནི་མེ་ཏོག་འདེབས་མཁན་ཞིང་པས་ཅི་མོ་ཆུས་ལིང་ཧྲན་ཁྲོམ་གཞུང་པའེ་དབྱི་ལྗང་མདོག་ཞིང་ཁམས་རྩྭ་དང་མེ་ཏོག་འདེབས་འཛུགས་རྟེན་གཞིར་དྲ་ཐོག་ཐད་གཏོང་བྱས་ནས་རྩྭ་དང་མེ་ཏོག་འཚོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།