དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གྲོང་ཚོའི་དུས་བདེ་སྲུང་ནས་མེ་འགོག་གྱང་མཉམ་དུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་མེ་སྐྱོན་འགོག་ཟོན་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་རྒུ་རུམ་ཤང་རྣམ་པར་གྲོང་ཚོའི་གྲོང་མིར་མེ་ཟོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་མེ་ཟོན་བདེ་འཇགས་ཀྱི་རོགས་སྐྱོར་མཛུབ་ཁྲིད་དང་ཁྱིམ་དུ་སྐྱོད་པའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བཞིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པས(ཡན་ལག་རུ་ཁག)”མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི“གཤམ་སྤེལ་དྲུག”གི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ“ཞིང་འབྲོག་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་ཀྱི”བྱེད་སྒོ་ཧུར་ཐག་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཏེ“མེ་ཟོན་དཔྱད་ཡིག”སྤྲད་ནས་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི“མེ་འགོག་གྱང”བརྟན་པོ་བསྐྲུན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་རྩ་འཛུགས་ཀྱི་དྲིལ་བསྒྲགས་པས་ཤང་དང་གྲོང་རྡལ་གྱི་དྲ་མིག་པ་དང་མཉམ་དུ་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་མེ་ཟོན་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་འབྲོག་ཁུལ་དུ་མེ་སྐྱོན་ཐོན་པའི་ཉེན་ཁ་དང་། རྒྱུན་མཐོང་གི་མེ་སྐྱོན་འབྱུང་རྐྱེན། མེ་སྐྱོན་སྔོན་འགོག་བྱ་ཐབས། མེ་སྐྱོན་ཐོན་མ་ཐག་གི་མེ་གསོད་སྟངས། མེ་ཤོར་སར་སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་བྱེད་སྟངས་དང་མེ་གསོད་ཡོ་བྱད་ཡང་དག་སྤྱོད་སྟངས་སོགས་ཤེས་བྱ་གསལ་འགྲེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།