དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཞུན་བརྡར་ལེགས་པར་བཏང་། ཧྲག་དམག་གསོ་སྐྱོང་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    འདི་ནི་ཧྲན་ཏུང་ཀྲི་ཁེ་དམིགས་བསལ་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་ཆེད་ལས་ལག་རྩལ་ཚོགས་པའི་ཁོངས་མིས་འཕྲུལ་རྐང་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་བཟོ་གྲྭའི་ལག་རྩལ་མི་སྣས་དངོས་སྦྱོང་དཔེ་སྟོན་བྱེད་བཞིན་པ།

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་རྫ་ཡུལ་རུ་འབྲིང་གིས་ཆེད་ལས་ལག་རྩལ་ཚོགས་པ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ། བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ནས་སྒྲིག་ཆས་གསར་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་གསོ་སྦྱོང་གིས་རི་མཐོ་ལ་གཡང་གཟར་བ་དང་ནགས་ཚལ་སྟུག་ལ་གྱེན་ཐུར་མང་བ་སོགས་རྫ་ཡུལ་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་ཀྱི་ཁྱད་ཆོས་ལ་དམིགས་ནས“ཚན་རྩལ་སྒྲིག་ཆས་ཇི་ལྟར་བྱས་ནས་འཐབ་འཛིང་ནུས་པར་བསྒྱུར་བ”དེ་ལྟེ་བའི་ཞིབ་འཇུག་བྱ་གཞིར་བྱས་ཏེ་འཕྲུལ་ཆས་ཀྱི་རྐང་ལག་དང་རམ་འདེགས་འདྲུད་འཐེན་འཕྲུལ་ཆས་སོགས་སྒྲིག་ཆས་སྤྱོད་སྟངས་གཙོ་གནད་དུ་བཟུང་ནས་བསླབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།