བོད་ལུགས་གསོ་རིག་མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་ལྷ་སར་འགྲེམས་སྤེལ་བྱས་པ།
ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་ལྷ་སའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འགྲེམས་སྤེལ་བྱས་པ་དེ་ཐོག་ནས་བོད་ལུགས་གསོ་རིག་ཞིབ་འཇུག་སློབ་མའི་ཤེས་ལྡན་པ་གསོ་སྐྱོང་ཚད་ལྡན་ཅན་དང་མ་ལག་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། མུ་འབྲེལ་སློབ་དེབ་དེར་བོད་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གསུང་རབ་ཞིབ་འཇུག ནད་ཐོག་ལག་ལེན། བོད་སྨན་རིག་པ། གནམ་རིག་སྐར་རྩིས་བཅས་རིགས་ཆེན་པོ་ལྔ་ཚུད་ཡོད་པ་དང་ཁྱོན་དེབ་14ཡོད་པ་དེ་དག་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས་ལོ་མང་རིང་རྩོམ་སྒྲིག་བྱས་ནས་ལེགས་སྒྲུབ་བྱས་པ་ཞིག་རེད།
འདི་ནི་བོད་ལུགས་གསོ་རིག་མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་འགྲེམས་སྤེལ་མཛད་སྒོ་འཚོག་ཡུལ་ཡིན་པ།