ཧིན་རྡུ་ཉི་ཞི་ཡ་ནས་ནང་འདྲེན་བྱས་པའི་བེ་ཏ་སོས་པ་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འབྱོར་བ།
ཉིན་ཤས་གོང་། ལྗིད་ཚད་ལ་སྤྱི་རྒྱ་200ཡོད་པའི་ཧིན་རྡུ་ཉི་ཞི་ཡའི་བེ་ཏ་སོས་པ་ཁག་གཅིག་ཧྥུའུ་ཀྲོའུ་ཁྲང་ལེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད། དེ་ནི་རྒྱལ་ཡོངས་སུ་ནང་འདྲེན་བྱས་པའི་ཧིན་རྡུ་ཉི་ཞི་ཡའི་བེ་ཏ་སོས་པ་ཐོག་མ་དེ་ཡིན་ལ། འདི་ལོ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་ཏེ་དཔལ་འབྱོར་ཚོངདོན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་བེ་ཏ་ནང་འདྲེན་བྱེད་མང་དུ་འགྲོ་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡ་ནི་གོ་ལ་ཧྲིལ་པོར་བེ་ཏ་འདེབས་འཛུགས་མང་ཤོས་དང་དེ་བཞིན་བེ་ཏ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་དེས་ཧིན་རྡུ་ཉི་ཞི་ཡའི་བེ་ཏར་ཕྱིར་གཏོང་གི་བར་མཐོངས་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད།
འདི་ནི་ཧྥུའུ་ཀྲོའུ་ཁྲེང་ལེ་རྒྱལ་སྤྱིའི་གནམ་ཐང་ཟོག་འདྲེན་ས་ཚིགས་སུ། ཧིན་རྡུ་ཉི་ཞི་ཡ་ནས་ནང་འདྲེན་བྱས་པའི་བེ་ཏ་སོས་པའི་དངོས་ཟོག་རྩིས་ལེན་ཕྱོགས་ཀྱི་ཧྥུའུ་ཅན་མིའོ་ཐེན་ཧུའེ་བཟའ་བཅའ་ཚད་ཡོད་ཀུང་སིའི་འགན་འཁུར་བ(གཡོན)དང་འགག་སྒོའི་ལས་དོན་པས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ།