ཁམ་བུའི་མེ་ཏོག་གིས་བརྒྱན་པའི་ཡུལ་ལུང་།
ཟླ་བཞི་པར་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་དུ་དཔྱིད་འགོའི་ཁ་བ་དལ་གྱིས་བཞུར་བ་དང་སྦྲགས་གང་སར་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས། གྲོང་ཚོ་དང་། ཞིང་ཁ། ཁམ་བུའི་མེ་ཏོག་བཅས་གཞི་གཅིག་ཏུ་འདྲེས་ཏེ། ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་ཉམས་དགའ་བའི་མཛེས་ལྗོངས་ཤིག་མངོན་ཡོད།