ཀྲུང་གོའི་རོགས་སྐྱོབ་རུ་ཁག་འབར་མར་ས་ཡོམ་རོགས་སྐྱོབ་ལས་འགན་གྲུབ་ནས་པེ་ཅིང་དུ་ལོག་པ།
ཟླ་4ཚེས་9ཉིན། འབར་མར་ས་ཡོམ་ལ་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་རོགས་སྐྱོབ་རུ་ཁག་དང་། ཀྲུང་གོའི་དམག་དཔུང་ཞུགས་པའི་ཀྲུང་གོ་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རོགས་སྐྱོབ་རུ་ཁག་བཅས་ཀྱིས་རྒྱལ་སྤྱིའི་རོགས་སྐྱོབ་ཀྱི་ལས་འགན་ལེགས་པར་བསྒྲུབས་ནས། ཀྲུང་གོའི་མཁའ་དམག་སྐྱེལ་འདྲེན-20གནམ་གྲུ་བཞི་ལ་བསྡད་དེ་ནེ་པི་ཏུའུ་ནས་པེ་ཅིང་དུ་ལོག་པ་རེད། འདི་ནི་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་རུ་མི་པེ་ཅིང་དུ་འབྱོར་བ།