དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བོད་ལུགས་གསོ་རིག་མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་ལྷ་སར་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-10

    ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་ལྷ་སའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འགྲེམས་སྤེལ་བྱས་པ་དེ་ཐོག་ནས་བོད་ལུགས་གསོ་རིག་ཞིབ་འཇུག་སློབ་མའི་ཤེས་ལྡན་པ་གསོ་སྐྱོང་ཚད་ལྡན་ཅན་དང་མ་ལག་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། མུ་འབྲེལ་སློབ་དེབ་དེར་བོད་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གསུང་རབ་ཞིབ་འཇུག ནད་ཐོག་ལག་ལེན། བོད་སྨན་རིག་པ། གནམ་རིག་སྐར་རྩིས་བཅས་རིགས་ཆེན་པོ་ལྔ་ཚུད་ཡོད་པ་དང་ཁྱོན་དེབ་14ཡོད་པ་དེ་དག་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས་ལོ་མང་རིང་རྩོམ་སྒྲིག་བྱས་ནས་ལེགས་སྒྲུབ་བྱས་པ་ཞིག་རེད། འདི་ནི་བོད་ལུགས་གསོ་རིག་མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་འགྲེམས་སྤེལ་མཛད་སྒོ་འཚོག་ཡུལ་ཡིན་པ།

    དཔྱིད་ཀྱི་དུས་བཟང་ཉམས་སུ་མྱོང་བའི་སྐབས་སུ། ཐེན་ཅིན་གྲོང་ཁྱེར་ཧོ་ཏུང་ཆུས་སུ་གནས་པའི་ཐའེ་ཏ·ཅིན་དབྱི་ཐོན་ལས་སྤྱི་གླིང་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། དེ་ནི་སྔོན་མ་དུས་རབས་གོང་མའི་ལོ་རབས་50པར་བཙུགས་པའི་ཐེན་ཅིན་གྲོང་ཁྱེར་འཁོར་སྟེགས་སྤྱི་ཁྱབ་བཟོ་གྲྭ་དང་པོ་དེ་ཡིན་ཞིང་། གྲོང་ཁྱེར་གསར་སྒྱུར་གྱི་བརྒྱུད་རིམ་ཁྲོད་བཟོ་ལས་ཀྱི་ཤུལ་བཞག་དང་དེང་རབས་ཀྱི་ནུས་པ་ཟུང་དུ་འབྲེལ་བའི་ཐོན་ལས་སྤྱི་གླིང་དུ་སྒྱུར་བཀོད་བྱས་ཡོད། འདི་ནི་གྲོང་མི་ཐའེ་ཏ·ཅིན་དབྱི་ཐོན་ལས་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།