མཛེས་ལྗོངས་ཁུལ་དུ་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་120མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་རོང་ཆེན་དང་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་མཛེས་ལྗོངས་ཁུལ་ནང་གི་དོ་དམ་པ་དང་། ཞབས་ཞུ་བ། ཉེ་འགྲམ་གྱི་ཚོང་པ་བཅས་ལ་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱས་ཤིང་། འདི་ནི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་འཕྲལ་སྡོམ་མྱུར་སྐྱོབ་བྱེད་སྟངས་གསོ་སྦྱོང་བྱེད་བཞིན་པ།