སྨན་དོན་པས་རྒན་རྒོན་ཞིག་ལ་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། སྣ་དཀར་རྩེ་རྫོང་ལྟེ་བའི་མི་དམངས་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་ནས་སྣ་དཀར་རྩེ་རྫོང་གི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་དོ་ཁུར་བྱེད་ལུགས་མཚོན་པར་བྱས་པ་རེད། བྱེད་སྒོའི་ཉིན་མོར། སྨན་དོན་པས་སྨན་བཅོས་སྒྲིག་ཆས་མང་པོ་ཁྱེར་ནས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་བརྟག་དཔྱད་སྣ་ཚོགས་བྱས་ཤིང་། ཁོང་ཚོས་ངང་རྒྱུད་རིང་པོས་དཀའ་ངལ་ཡོད་མཁན་ལ་ན་ལུགས་དང་རྒྱུན་གཏན་གྱི་ནད་རྟགས་སྐོར་དྲིས་པ་མ་ཟད། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་ཆེད་མི་བཀོད་སྒྲིག་བྱས་ཏེ་གཅིག་གཏད་གཅིག་གིས་ཁྱོན་ཡོངས་ནས་རོགས་རམ་ཡང་བྱས་ཡོད། འདི་ནི་སྨན་དོན་པས་རྒན་རྒོན་ཞིག་ལ་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།